ཁ་བ་གངས་ཅན་ཡུལ་དུ།
ང་ཡི་བླ་མ་འཁྲུངས་སོང་།
ཁ་བ་གངས་ཅན་ཡུལ་དུ།
ང་ཡི་བླ་མ་འཁྲུངས་སོང་།
ཁ་བ་གངས་ཅན་ཡུལ་དུ།
ང་ཡི་བླ་མ་འཁྲུངས་སོང་།
ཁ་བ་ལ་གངས་ཅན་ཡུལ་དུ།
ངའི་རྩ་བའི་བླ་མ་མཆོག་འཁྲུངས་ལ་སོང་།
ངའི་རྩ་བའི་བླ་མ་མཆོག་འཁྲུངས་ལ་སོང་།
ལྷ་སྤྱན་རས་གཟིཊ་ཀྱི་རྣམ་སྤྲུལ་མཆོག
ངའི་སྙིང་ནས་གུས་པའི་ཕྱག་གསུམ་འཚལ།
ངའི་སྙིང་ནས་གུས་པའི་ཕྱག་གསུམ་འཚལ།
ཁ་བ་ལ་གངས་ཅན་ཡུལ་དུ།
ངའི་རྩ་བའི་བླ་མ་མཆོག་འཁྲུངས་ལ་སོང་།
ངའི་རྩ་བའི་བླ་མ་མཆོག་འཁྲུངས་ལ་སོང་།
ལྷ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་མཆོག།
ངའི་སྙིང་ནས་གུས་པའི་ཕྱག་གསུམ་འཚལ།
ངའི་སྙིང་ནས་གུས་པའི་ཕྱག་གསུམ་འཚལ།
སྐྱབས་མགོན་ལགས
ཡིད་བཞིན་ནོར་བུ
འཛམ་བུ་གླིང་འཛམ་བུ་གླིང་གི
ནོར་བུ་ཡིན།
འཛམ་བུ་གླིང་འཛམ་བུ་གླིང་གི
གཙུག་རྒྱན་ཡིན།
སྐྱབས་མགོན་ལགས
སྙིང་རྗེ་ཆེན་པོ
འཛམ་བུ་གླིང་འཛམ་བུ་གླིང་ལ།
སྙིང་རྗེ་ཆེ།
འཛམ་བུ་གླིང་འཛམ་བུ་གླིང་ལ།
བྱམས་སེམས་ཆེ།
རྗེ་བླ་མའི་གསུང་སྙན་རེ་རེ་ཡིས།
འགྲོ་སེམས་ཅན་ཐམས་ཅད་བདེ་ལ་བཀོད།
འགྲོ་སེམས་ཅན་ཐམས་ཅད་བདེ་ལ་བཀོད།
ཁོང་བཀའ་དྲིན་ཅན་གྱི་བླ་མ་ལགས།
སྐུ་མི་འགྱུར་རྡོ་རྗེའི་ཁྲི་ལ་བཞུགས།
སྐུ་མི་འགྱུར་རྡོ་རྗེའི་ཁྲི་ལ་བཞུགས།
རྗེ་བླ་མའི་གསུང་སྙན་རེ་རེ་ཡིས།
འགྲོ་སེམས་ཅན་ཐམས་ཅད་བདེ་ལ་བཀོད།
འགྲོ་སེམས་ཅན་ཐམས་ཅད་བདེ་ལ་བཀོད།
ཁོང་བཀའ་དྲིན་ཅན་གྱི་བླ་མ་ལགས།
སྐུ་མི་འགྱུར་རྡོ་རྗེའི་ཁྲི་ལ་བཞུགས།
སྐུ་མི་འགྱུར་རྡོ་རྗེའི་ཁྲི་ལ་བཞུགས།
རྒྱལ་བ་ལགས།
རིན་པོ་ཆེ།
འཛམ་བུ་གླིང་འཛམ་བུ་གླིང་གི
རིན་པོ་ཆེ།
འཛམ་བུ་གླིང་འཛམ་བུ་གླིང་གི
རླབས་པོ་ཆེ།
སྐྱབས་མགོན་ལགས།
སྙིང་རྗེ་ཆེན་པོ།
འཛམ་བུ་གླིང་འཛམ་བུ་གླིང་ལ།
སྙིང་རྗེ་ཆེ།
འཛམ་བུ་གླིང་འཛམ་བུ་གླིང་ལ།
བྱམས་སེམས་ཆེ།
ཐབས་ཐུཊ་རྗེ་བྱམས་བརྩེ་རེ་རེ་ཡིས།
སེམས་ཞི་བདེའི་འོད་སྣང་སྐྲུན་ལ་སོང་།
སེམས་ཞི་བདེའི་འོད་སྣང་སྐྲུན་ལ་སོང་།
ཁོང་ཞི་བདེ་དེད་དཔོན་བཀའ་དྲིན་ཅན།
སྐུ་མཛད་འཕྲིན་རྒྱས་པའི་བཀྲ་ཤིས་ཤོག
སྐུ་མཛད་འཕྲིན་རྒྱས་པའི་བཀྲ་ཤིས་ཤོག
ཐབས་ཐུཊ་རྗེ་བྱམས་བརྩེ་རེ་རེ་ཡིས།
སེམས་ཞི་བདེའི་འོད་སྣང་སྐྲུན་ལ་སོང་།
སེམས་ཞི་བདེའི་འོད་སྣང་སྐྲུན་ལ་སོང་།
ཁོང་ཞི་བདེ་དེད་དཔོན་བཀའ་དྲིན་ཅན།
སྐུ་མཛད་འཕྲིན་རྒྱས་པའི་བཀྲ་ཤིས་ཤོག
སྐུ་མཛད་འཕྲིན་རྒྱས་པའི་བཀྲ་ཤིསཤོག
སྐྱབས་མགོན་ལགས།
ཡིད་བཞིན་ནོར་བུ།
འཛམ་བུ་གླིང་འཛམ་བུ་གླིང་གི
ནོར་བུ་ཡིན།
འཛམ་བུ་གླིང་འཛམ་བུ་གླིང་གི
གཙུག་རྒྱན་ཡིན།
སྐྱབས་མགོན་ལགས།
སྙིང་རྗེ་ཆེན་པོ།
འཛམ་བུ་གླིང་འཛམ་བུ་གླིང་ལ།
སྙིང་རྗེ་ཆེ།
འཛམ་བུ་གླིང་འཛམ་བུ་གླིང་ལ།
བྱམས་སེམས་ཆེ།
ཁ་བ་གངས་ཅན་ཡུལ་དུ།
ང་ཡི་བླ་མ་འཁྲུངས་སོང་།
ཁ་བ་གངས་ཅན་ཡུལ་དུ།
ང་ཡི་བླ་མ་འཁྲུངས་སོང་།
ཁ་བ་གངས་ཅན་ཡུལ་དུ།
ང་ཡི་བླ་མ་འཁྲུངས་སོང་།
ཁ་བ་གངས་ཅན་ཡུལ་དུ།
ང་ཡི་བླ་མ་འཁྲུངས་སོང་།
ཁ་བ་གངས་ཅན་ཡུལ་དུ།
ང་ཡི་བླ་མ་འཁྲུངས་སོང་།
ཁ་བ་གངས་ཅན་ཡུལ་དུ།
ང་ཡི་བླ་མ་འཁྲུངས་སོང་།
Поcмотреть все песни артиста
Другие альбомы исполнителя