Kishore Kumar Hits

Lobsang Delek - NyingTam (Words of Love) текст песни

Исполнитель: Lobsang Delek

альбом: Bhoe la Dro


དགའ་བའི་ཡིད་འཕྲོག་ཁྱོད་ལ།
སེམས་དང་སེམས་ཀྱི་བར་ནས།
སྙིང་གཏམ་ཚིག་གསུམ་ཞིག །
གཅིག་གིས་གཅིག་ལ་ལབ་པའི་སྐབས་ལ།
ཚ་གེ་ཚི་གེའི་ངང་ནས་ལུས།
གཅིག་གིས་གཅིག་ལ་ལབ་པའི་སྐབས་ལ།
ཚ་གེ་ཚི་གེའི་ངང་ནས་ལུས།
མཚམས་རེ་མཚམས་རེ་མཇལ་བའི་བུ་མོ།
སྒེའུ་ཁུང་ནང་ནས་ལ་གཟིཊ་པ་མ་གནང་།
མཚན་མོ་ཟླ་འོད་འོག་ལ་ཕེབས་ཤོག།
ང་ལ་སྙིང་གཏམ་གསུང་བ་ལ་ཕེབས།
ཁྱེད་དང་ང་གཉིས་འཛམ་གླིང་འདིའི་ནང་།
སྐྱིད་གསུམ་སྡུག་གསུམ་མཉམ་དུ་བྱེད་ཆོག།
ནའ་་ནའ་་་ནའ་་་་
ནའ་་་ ནའ་་་ནའ་་
ཁྱོད་རང་མཇལ་ཡོང་བསམ་ནས།
ཉིན་ལྟར་ཁྲོམ་ལ་ཕྱིན་ཡིན།
མཛེས་སུ་མ་ཁྱོད་དང་ང་།
གཅིག་གིས་གཅིག་ལ་མཐོང་བའི་སྐབས་ལ།
ཚ་གེ་ཚི་གེའི་ངང་ནས་ལུས།
གཅིག་གིས་གཅིག་ལ་མཐོང་བའི་སྐབས་ལ།
ཚ་གེ་ཚི་གེའི་ངང་ནས་ལུས།
མཚམས་རེ་མཚམས་རེ་མཇལ་བའི་སྨན་ཆུང་།
དེ་འདྲ་ངོ་ཚ་རང་དང་མ་གནང་།
མཛེས་པའི་ལྡུམ་རའི་ནང་ལ་ཕེབས་ཤོག།
ང་ལ་སྙིང་གཏམ་གསུང་བར་ལ་ཕེབས།
ལས་དང་སྨོན་ལམ་བཟང་པོ་ཡོད་ན།
ཆུ་དང་ཉ་མོ་བཞིན་དུ་སྡོད་ཆོག།
ནའ་་་ནའ་་་ནའ་་་ནའ་་་
ནའ་་་་ནའ་་་་ནའ་་་ནའ་་་

Поcмотреть все песни артиста

Другие альбомы исполнителя

Похожие исполнители

ANU

Исполнитель