Kishore Kumar Hits

Lobsang Delek - Bhoe la Dro (Lets Go to Tibet) текст песни

Исполнитель: Lobsang Delek

альбом: Bhoe la Dro


བོད་ལ་འགྲོ བོད་ལ་འགྲོ
བོད་ལ་འགྲོ བོད་ལ་འགྲོ
བོད་ལ་ལོག་འགྲོ བོད་ལ་འགྲོ
བོད་དབུས་གཙང་རུ་བཞི་ལ་འགྲོ
ཇོ་བོ་ཤཱཀྱ་མུ་ནེ་མཇལ་ཁ་འགྲོ
བླ་མ་སྐུ་ཚེ་བརྟན་པའི་སྨོན་ལམ་ཞུ།
རི་བོ་གངས་དཀར་ཏེ་སེ་མཇལ་ཁ་འགྲོ
བོད་མིའི་བསམ་དོན་འགྲུབ་སྨོན་ལམ་ཞུ།
རི་བོ་གངས་དཀར་ཏེ་སེ་མཇལ་ཁ་འགྲོ
བོད་མིའི་བསམ་དོན་འགྲུབ་སྨོན་ལམ་ཞུ།
བོད་ལ་འགྲོ བོད་ལ་འགྲོ
བོད་ལ་འགྲོ བོད་ལ་འགྲོ
བོད་ལ་ལོག་འགྲོ བོད་ལ་འགྲོ
བོད་ཨ་མདོ་རིག་པའི་ཡུལ་ལ་འགྲོ
རྗེ་སྐུ་འབུམ་བྱམས་པ་གླིང་མཇལ་ཁ་འགྲོ
ཆོལ་གསུམ་མཐུན་སྒྲིལ་ཡོང་བའི་སྨོན་ལམ་ཞུ།
རྨ་ཆེན་གངས་རི་ཡར་ལ་མཇལ་ཁ་འགྲོ
སྐྱིད་པའི་ཉི་མ་ཤར་བའི་སྨོན་ལམ་ཞུ།
རྨ་ཆེན་གངས་རི་ཡར་ལ་མཇལ་ཁ་འགྲོ
སྐྱིད་པའི་ཉི་མ་ཤར་བའི་སྨོན་ལམ་ཞུ།
རི་པོ་ཏ་ལ་ཡི་གནས་མཆོག་ནས།
བོད་གངས་ཅན་ཡུལ་ལ་གླུ་ཡིས་བསྟོད།
རི་པོ་ཏ་ལ་ཡི་གནས་མཆོག་ནས།
བོད་གངས་ཅན་ཡུལ་ལ་གླུ་ཡིས་བསྟོད།
བོད་ལ་འགྲོ བོད་ལ་འགྲོ
བོད་ལ་འགྲོ བོད་ལ་འགྲོ
བོད་ལ་ལོག་འགྲོ བོད་ལ་འགྲོ
བོད་དཔའ་མཛངས་ཁམས་པའི་ཡུལ་ལ་འགྲོ
གནས་ཆེན་ཁ་བ་དཀར་པོ་མཇལ་ཁ་འགྲོ
གཞིས་བྱེས་ལྷན་འཛོམས་ཡོང་བའི་སྨོན་ལམ་ཞུ།
སྡེ་དགེ་པར་ཁང་ཡར་ལ་མཇལ་ཁ་འགྲོ
ཆོས་དང་རིག་གཞུང་དར་བའི་སྨོན་ལམ་ཞུ།
སྡེ་དགེ་པར་ཁང་ཡར་ལ་མཇལ་ཁ་འགྲོ
ཆོས་དང་རིག་གཞུང་དར་བའི་སྨོན་ལམ་ཞུ།
རི་པོ་ཏ་ལ་ཡི་གནས་མཆོག་ནས།
བོད་གངས་ཅན་ཡུལ་ལ་གླུ་ཡིས་བསྟོད།
རི་པོ་ཏ་ལ་ཡི་གནས་མཆོག་ནས།
བོད་གངས་ཅན་ཡུལ་ལ་གླུ་ཡིས་བསྟོད།
བོད་གངས་ཅན་ཡུལ་ལ་གླུ་ཡིས་བསྟོད།

Поcмотреть все песни артиста

Другие альбомы исполнителя

Похожие исполнители

ANU

Исполнитель